གདོད་བྱ་དང་བྱ་དེ།

གནའ་སྔ་མོ་ཤར་ན་བྲག་རི་དང་། ལྷོ་རུ་སྤང་རི། ནུབ་ཏུ་གངས་རི། བྱང་དུ་ནགས་རི། དབུས་སུ་ཆུ་བོ་རྒྱུ་བའི་ལུང་བ་སྐྱིད་པོ་ཞིག་ཡོད་པ་དེར་བྱ་སྤུནན་གཉིས་ཡོད་པ་དེ་དག་ཕན་ཚུན་འཆམ་པོ་ཡོད། ཁོ་གཉིས་མཚམས་རེ་རི་ཀླུང་དུ་ཆུ་རྩེད་རྩེ་བར་འགྲོ་བ་དང་། སྐབས་རེ་རི་ལ་སྐད་སྙན་སྒྲོག་བཞིན་སྤྲོ་འཆམ་ལ་འགྲོ་གི་ཡོད། འོན་གྱང་གཅུང་པོ་དེ་སྒྱིད་ལུག་ཆེ་བས་ཟས་ཚང་མ་གཅེན་པོ་ལ་རེ་བ་ལས་རང་གིས་འཚོལ་སྟངས་ཤེས་ཀྱི་མེད། དེར། གཅེན་པོས་བསླབ་བྱ་ཅི་འདྲ་བྱས་ཀྱང་རྣ་རྒྱབ་ཀྱི་ལྷགས་པར་བཏང་།

ཉིན་ཞིག    ཁོ་གཉིས་རི་ལ་འགྲོ་སྐབས་གློ་བུར་དུ་རླུང་པོ་ཆེན་པོ་ཞིག་བརྒྱབས་ཏེ་ཁོ་གཉིས་ཁ་ཐོར། གཅེན་པོས་གྲོག་རོང་དང་། བྲག་རོང་། གངས་རོང་བཅས་གང་སར་བཙལ་གྱང་མ་མརྙེད་པས་གཅུང་པོ་ཤི་བ་རེད་བསམས་ནས་ཡིད་མུག་སྟེ་ཡུལ་གཞན་དུ་གྱར། གཅུང་པོ་ནི་རླུང་གིས་དཔག་ཚད་མང་པའི་སར་འཁྱེར་ནས་མཐར་ཁྱིམ་ཚང་ཞིག་གི་སྒོ་འགྲམ་དུ་སླེབས་ཤིང་། དཀའ་ལས་ཚད་མེད་བྱུང་བས་དེའི་ནང་དུ་འཛུལ་ཏེ་གཉིད་ལ་ཤོར།

ཕྱི་ཉིན་རླུང་བུ་འཇགས་པ་དང་ཁོ་ཡང་གཉིད་ལས་སད་དེ། གྲོད་པ་ལྟོགས་ལྷང་ལྷང་བྱུང་བ་ཤེས་ཀྱང་གཅེན་པོ་འཁྲིས་ལ་མེད་པས། ཟས་ནི་འཚོལ་མི་ཤེས། རེ་ཞིག་ན། བདག་པོས་བ་ལ་སྦང་མ་བྱིན་དུ་འོང་བ་དེ་ནས་ཁོས་བཟའ་བར་སོང་བས། བ་ཡིས་སྣ་བུད་པ་ཕོག་སྟེ་ན་བ་དང་། གྲོད་པ་ཧད་མེད་ལྟོགས་པ་ཞིག་བྱུང་བས་གཅེན་པོའི་བསླབ་བྱ་ལྷང་ངེར་དྲན་ནས་གཅེན་པའི་མིང་ནས་བོས་ཤོར། དུས་དེ་ནས་བཟུང་རང་ཟས་རང་གིས་འཚོལ་དུ་ཕྱིན་པ་དང་གཅེན་པོ་དྲན་པ་དང་ཀོལ་ཀོལ་ཀོལ་ཞེས་འབོད་ཀྱི་ཡོད། གཅུང་པོ་དེ་ནི་ད་ལྟ་ངེད་ཚོའི་ཁྱིམ་དུ་ཡོད་པའི་བྱ་དེའོ།

 

དྲི་བ།

༡༽ སྒྲུང་དེའའི་གཙོ་དོན་དང་རྒྱབ་ཀྱི་ལྷགས་པ་ཟེར་བའི་དོན་བྲིས།
༢༽ ཁོ་གཉིས་རྩེད་མོ་རྩེ་བ་དང་སྐད་སྙན་སྒྲོག་པར་གང་དུ་འགྲོ་ཡི་ཡོད་དམ།
༣༽ གཅེན་པོ་ཡིད་མུག་དགོས་དོན་གང་ཡིན་མན།
༤༽ གཅེན་པོའི་བསླབ་བྱ་རྣ་རྒྱབ་ཀྱི་ལྷགས་པར་བཏང་བའི་འབྲས་བུ་གང་བྱུང་ངམ།
༥༽ #%t$-.}-E}+-.-W}#=-<$-7=-83~;-1m-<{=-.-#$-9m,-,1k
ཚིགས་གྲོགས་སྦྱོར། འཚོལ། སྟངས། བརྒྱབས། སྐྱིད་ལུག ཕོག བསླབ་བྱ། འཁྲིས། འགྲམ། རི་ཀླུང་།
í

Site Map | Help | Contact