ཤིང་སྡོང་འོག་ཏུ་རི་བོང་བསྒུགས་ནས་སྡོད་པ།

 

གནའ་དུས་སོ་ནམ་པ་ཞིག་ཡོད་པ་དེ་ཉིན་ཞིག་ཞིང་ཁའི་ནང་ཡུར་མ་རྒྱག་སྐབས། བློ་བུར་དུ་ནགས་གསེབ་ནས་རི་བོང་ཞིག་དངངས་སྐྲག་ཆེན་པོས་རྒྱུགས་ཡོང་སྟེ། ཉེར་འགྲམ་གྱི་ཤིང་སྡོང་ལ་རྡུང་ཁ་ཐེབས་ནས་ཤི་བ་མཐོང་།

སོ་ནམ་པ་དེ་ལ་དཀའ་བ་ཅུང་ཟད་ཙམ་ཡང་རྒྱག་མི་དགོས་པར་རྒྱགས་ཤིང་ཆེ་བའི་རི་བོང་གི་རོ་ཞིག་ཐོབ། དེར་བརྟེན་ཁོ་དགའ་སྤྲོ་ཆེན་པོའི་ངང་ཁྱིམ་དུ་ལོག་ནས་ཉིན་ལྟར་རི་བོང་རེ་རྙེད་ན་དགའ་བ་ལ་ཨང་སྙམ།

དེ་ནས་བཟུང་ཁོས་ཉིན་ལྟར་ཤིང་སྡོང་གི་འོག་ཏུ་རི་བོང་བསྒུགས་ནས་བསྡད། དེ་འདྲའི་ངང་དུས་འདས་ནས་རི་བོང་ཡོང་རྒྱུ་ལྟ་ཅི། ཞིང་ཁའི་ནང་རྩ་ངན་གྱིས་ཁེངས་ཏེ་ལོ་ཐོག་ཀྱང་བསྡུ་རྒྱུ་མ་བྱུང་བ་རེད།།

 

བསམ་གཞིགས་ཀྱི་དྲི་བ་གཤམ་གསལ།
༡༽ རི་བོང་དེ་གང་འདྲ་བྱས་ནས་ཤི་བ་རེད་དམ།
༢༽ ལོ་ཐོག་བསྡུ་རྒྱུ་མ་བྱུང་བའི་རྒྱུ་མཚན་གང་ཡིན་ནམ།
༣༽ ཁོས་ཞིང་ལས་མ་བྱས་པར་རི་བོང་བསྒུགས་ནས་བསྡད་པ་འགྲིག་གམ།
༤༽ ཁྱེད་རང་ཞིང་པ་དེ་ཡིན་ན་གང་འདྲ་བྱེད་དམ།
༥༽ འོག་གི་མིང་ཚིག་རྣམས་ལ་ཚིག་སྒྲུབ་སྤུས་དག་རེ་བཟོས།་དག་རེ་བཟོས།

ལོ་ཐོག གླུ་བུར། སྙམ། དངངས་སྐྲག བསྒྲུགས། དེ་ནས་བཟུང་། རྡུང་ཁ་ཐེབས།

í

Site Map | Help | Contact