ལྗང་པ་འཐེན་ནས་ལོངས་ཐབས་བྱེད་པ།
གནའ་སྔ་མོ་མི་ཞིག་ཡོད་པ་དེས་རང་ཉིད་ཀྱི་ཞིང་ཁའི་ལྗང་པ་རྣམས་སྐྱེ་འཚར་མགྱོགས་པོ་བྱུང་ན་ཅི་མ་རུང་སྙམ་སྟེད། ཉིན་ལྟར་ཞིང་ལ་ལྟ་བར་འགྲོ་ཞིང་། ཉིན་ཤས་སོང་ཡང་ལྗང་པ་འཚར་སྐྱེས་བྱུང་མེད་པ་ལྟར་དུ་སྣང་བས་དངངས་འཚབ་ཆེན་པོས་ཞིང་ལ་ལྟ་བཞིན་ད་ནི་ལྗང་པ་མགྱོགས་ཙམ་འཚར་སྐྱེད་ཡོང་བའི་ཐབས་ཤིག་གཏོང་དགོས་ཀྱི་འདུག་ཅེས་ཆིག་ལབ་བརྒྱབ།
ཉིན་ཞིག་ཁོ་ལ་ཐབས་ཤེས་ཤིག་རྙེད་ནས་དེ་འཕྲལ་ཞིང་ཁའི་ནང་དུ་བསྐྱོད་དེ་ཉིན་དགུང་ནས་དགོང་མོའི་བར་ལྗང་པ་སྡོང་རྐང་རེ་རེ་བཞིན་འཐེན་པས་ངལ་བ་ཤིན་ཏུ་ཆེན་པོ་བྱུང་།
མི་དེ་ཁྱིམ་དུ་འབྱོར་རྗེས་དབུགས་ཧལ་བཞིན་དུ་དེ་རིང་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡང་བློ་འགྱོད་མེད། ལྗང་པ་སྐྱེ་འཚར་མགྱོགས་པོ་བྱུང་ཡོད་ཅེས་བཤད།
ཁོའི་བུས་དེའི་གནས་ལུགས་གསལ་པོ་མ་ཤེས་སྟབས་མགྱོགས་མྱུར་ཞིང་ནང་དུ་བསྐྱོད་དེ་བལྟས་པས་ལྗང་པ་རྣམས་སྐམ་པ་མཐོང་།།
| བསམ་གཞིགས་ཀྱི་དྲི་བ | |
| ༡༽ | ལྔང་པ་འཐེན་ན་ཚར་ལོང་མགྱོགས་པོ་ཡོད་དམ། |
| ༢༽ | ལྗང་པ་འཚར་སྐྱེད་ཡོང་ཐབས་མགྱོགས་ཤོས་དེ་གང་ཡི |
| ༣༽ | ཕས་དེ་རིང་དཀའ་ངལ་ཧ་ཅང་ཆེན་པོ་བྱུང་ཡང་བློ་འགྱོད་མེད་ཟེར་དོན་གང་ཡིན་ནམ། |
| ༤༽ | གོང་གསལ་གཏམ་རྒྱུད་འདི་ལས་དོན་གང་ཞིག་སྟོན་གྱི་འདུག་གམ། |