འཇིགས་མེད།

ངའི་སྤུན་མཆེད་འཇིགས་མེད་ནི་ད་ལྟ་ལོ་གཉིས་ལ་སླེབས་ཙམ་རེད། ཁོ་ནི་མཁུར་ཚོས་དམར་ལ་མིག་ཁྲ་སྒོར་སྒོར་ཞིག་ཡོད་པ་དང་། གད་མོ་དགོད་དུས་འགྲམ་པའི་མཛེས་ཀོང་མངོན་གསལ་དུ་ཐོན། ཉིན་ཞིག་འཇིགས་མེད་སྒོ་རྭའི་ནང་རྩེད་མོ་རྩེ་བཞིན་པའི་སྐབས་ངའི་ཨ་མས་ཁོ་ཟས་ཟ་བར་སྐད་བཏང་སོང་། ཁོ་དགའ་པོའི་ངང་ནང་དུ་འཛུལ་ཡོང་དུས་ལག་གཉིས་ལ་འདམ་བག་འགོས་འདུག  ངས་ཁོ་ལ་ལག་པ་འཁྲུད་བར་སོང་ཞེས་བཤད་པས་ཁོ་ཁྲོས་ནས་ང་ལ་མིག་ལོག་ལྟ་བཞིན་དུ་ད་ལན་ལག་པ་མ་བཀྲུས་ན་མི་འགྲིག་གམ་ཞེས་བཤད་བྱུང་བས། ངས་ལམ་སེང་། འཇིགས་མེད། ལག་པ་བཙོག་པས་ཟས་རིགས་ལ་འཆང་ན་གྲོད་པ་ན་གི་རེད། ཤོག་དང་།  སྲུ་མོས་ཁྱོད་ཀྱི་ལག་པ་འཁྲུ་རོགས་བྱ ས་ཆོག་ཅེས་བཤད་པས་འཇིགས་མེད་ཀྱིས་ལག་པ་གཙང་མར་བཁྲུས་སོང་། དེ་ནས་ཉིན་ཞིག་ང་སློབ་གྲྭ་གྲོལ་རྗེས་ལག་པ་མ་བཁྲུས་པར་མོག་མོག་ལེན་རྩིས་བྱས་པ་དེ་འཇིགས་མེད་ཀྱིས་མཐོང་སྟེ།  སྲུ་མོ་ཡག་པོ་མི་འདུག  ལག་པ་མ་བཀྲུས་པར་ཟས་ཟ་རྩིས་བྱེད་ཀྱི་འདུག་ཅེས་བཤད་པ་མ་ཟད།

ངའི་ལག་པ་ནས་འཇུས་ཏེ་དུང་བན་འཇོག་སར་ཁྲིད་བྱུང་། སྐབས་དེར་ནང་མི་ཚང་མ་གད་མོ་ཤོར་བ་དང་། ང་ཡང་ངོ་ཚ་པོ་བྱུང་།

ཡང་ཐེངས་ཤིག་ངས་རང་སྦྱོང་བྱེད་སྐབས་འཇིགས་མེད་ཀྱིས་ངའི་ལག་པའི་ སྨྱུ་གུ་དེ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱེད་ཀྱིི་འདུག  འཇིགས་མེད།  སྨྱུ་གུས་རྩེད་མོ་རྩེ་མི་རུང་།  དེ་ལས་སྲུ་མོས་ཁྱོད་ལ་རི་མོ་ཞིག་བསྟན་ཆོག་ཅེས་བཤད་ཀྱང་མ་ཉན་པར་མགོ་བོ་གཡུག་གཡུག་བྱ ས་ཏེ།  མིན། མིན་ཞེས་ཤོད་བཞིན་ངུས་སོང་། དེ་ཨ་མ་ལགས་ཀྱིིས་གཟིགས་པ་དང་ང་ཚོར་ལག་བརྡ་ཞིག་བྱས་བྱུང་བས་ཚང་མས་སྣང་མེད་དུ་རང་གི་ལས་ཀ་བྱས་ཏེ་བསྡད། ཁོས་མིག་སྦར་མོས་བཀབ་ནས་སྐད་ཤུགས་ཆེན་པོས་ངུ་བཞིན་མཛུབ་མོའི་བར་ནས་ཚང་མས་ཁོ་རང་ལ་དོ་སྣང་བྱེད་ཀྱི་ཡོད་མེད་ལྐོག་ལ་ལྟ་བཞིན་འདུག  ཁོས་སྔོན་ལ་ཨ་མ་དང་གཅེན་མོར་ལྟ་ཙམ་བྱས། དེ་ནས་ང་ལ་ལྟ་བཞིན་འདུག་པས་ངས་གད་མོ་མ་ཤོར་བ་བྱས་ནས་བསྡད་པ་ཡིན།

ཁོ་ལ་སུས་ཀྱང་ཁ་ཡ་བྱེད་མཁན་མེད་པར་བརྟེན་ངུ་མཚམས་བཞག་ནས་རླངས་འཁོར་ཆུང་ཆུང་ལ་རྩེད་མོ་ཙེ་གིན་བསྡད་སོང་། དེ་ནས་བཟུང་ང་སློབ་སྦྱོང་བྱེད་སྐབས་འཇིགས་མེད་ཀྱིས་ངའི་སྨྱུ་གུ་དགོས་ཞེས་ཤོད་ཀྱི་མི་འདུག།།     

 

འོག་གི་དྲ་བ་ཁག་ལ་ལན་འདེབས་གནང་དགོས།
༡༽ སློབ་ཚན་འདིའི་མི་སྣ་གཙོ་བོ་དེ་སུ་རེད་དམ་དེའི་རྒྱུ་མཚན་བྲིས་ཏེ། དུམ་མཚམས་སོ་སོའི་གཙོ་

༢༽

སྲུ་མོས་ལག་པ་མ་བཀྲུས་པར་མོག་མོག་ཚ་པོ་ཟ་རྩིས་བྱེད་སྐབས་འཇིགས་མེད་ཀྱིས་བཀག་དོན་གང་ཡིན་ནམ།
༣༽ རྗེས་སུ་སྲུ་མོ་རང་སྦྱོང་བྱེད་སྐབས་འཇིགས་མེད་ཀྱིས་སྨྱུ་གུ་དགོས་ཤེས་མི་ཤོད་པའི་རྒྱུ་མཚན་གང་ཡིན་ནམ།
༤༽ ཨ་མས་ལག་བརྡ་གནང་བའི་དོན་གང་ཡིན་ནམ། གང་འདྲ་བྱས་ནས། ས།
༥༽ ཚིག་དོན་བྲིས། བསྐུངས། འཆང་། མཁུར་ཚོས། ཆོག ལག་བརྡ། མཛེས་ཀོང་། མངོན་གསལ། གྲོལ། མཐར་སྐྱེལ། དོ་སྣང་།
í

Site Map | Help | Contact