ཐ་མག་དང་ས་སྨྱུག

ཐ་མག་གིས་རང་མཐོང་གི་སྤོབས་པ་གཟེངས་ཀྱི་སྒོ་ནས། ང་ནི་མིའི་སེམས་གསོ་བའི་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན། མི་སེམས་སྡུག་གིས་མནར་དུས་ངས་སྡུག་བསྔལ་གྱི་མུན་པ་བསལ་བར་བྱེད་ཀྱི་ཡོད་ལ། ཡང་དགའ་སྐྱིད་ལྡན་པའི་སྐ བས་སུ་དེ་ལས་ལྷག་པའི་སྤྲོ་སྣང་སྦྱིན་ཐུབ་ཀྱི་ཡོད་པས། སུས་ཀྱང་ཐ་མག་ངའི་ཡོན་ཏན་ལ་འགྲན་ཕོད་དམ། ས་ཕོར་གང་ལས་གྲུབ་པའི་ས་སྨྱུག་ཁྱོད་ལ་ནུས་པ་དེ་འདྲ་ལྡན་ནམ་ཞེས་བཤད།

ས་སྨྱུག་གིས་བདེན་པའི་གཏམ་གྱི་མདུང་རྩེ་ཐ་མག་ལ་གཏད་དེ་བཤད་པར།

ནད་རིགས་བཞི་བརྒྱ་རྩ་བཞི་སློང་མཁན་ཐ་མ་ཁ།།  གློ་སྙིང་མཆིན་གསུམ་རུལ་པར་བྱེད་མཁན་ཐ་མ་ཁ།།

སྐྱོན་ཡོན་ལྡོག་པའི་གཏམ་ངན་མ་ནོག་ཐ་མ་ཁ།།  སྙིང་ལ་ཟུག་པའི་ཚིག་གི་མཚོན་ཆ་འདི།།

གོ་ན་ཁྱོད་ལ་ཕན་པའི་གསལ་བྱ་ཡིན།། མ་གོ་སྙིང་ཁར་བཟུགས་པའི་མཚོན་ཆ་ཡིན།།

ཝ་ཡེ་སེམས་ལ་ཞོག་དང་ཐ་མ་ཁ།།

ཞེས་ལབ་རྩོད་བྱས་པས་མཐར་ཐ་མག་གིས་རང་སྐྱོན་ངོས་འཛིན་བྱུང་སྟེ། ངོ་ཚ་ཁ་སྐྱེངས་ངང་མགོ་བོ་དུད།  ས་སྨྱུག་གིས་སྔར་བཞིན་རང་ལུས་ཐོ་གང་པོ་ནག་པང་སྟེང་དུ་ཕངས་མེད་དུ་རྒྱུགས་ནས་ཤེས་བྱའི་སློབ་གཉེར་ལ་བརྩོན་པའི་སློབ་མ་རྣམས་ལ་གཞུང་དོན་གྱི་རྒྱ་མཚོ་ཆེན་པོར་བསྐྱོད་པའི་ལམ་སྟོན་མཛད་དོ།།       

 

དྲི་བ་ཁག
༡༽ ས་སྨྱུག་གིས་བརྗོད་པ་དེ་དག་བདེན་པ་ཡིན་ནམ།
༢༽ ཐ་མག་གི་སྐྱོན་ཡོན་ཐུང་ངུ་ཞིག་བྲིས།
༣༽ ས་སྨྱུག་གི་དགེ་མཚན་ཉུང་ངུ་ཞིག་བྲིས།
༤༽ གཤམ་གྱི་མིང་ཚིག་རྣམས་བེད་སྤྱད་ནས་རང་རྩོམ་འདི་འདྲ་ཞིག་བྲིས། ང་རྒྱལ། ག་བ་སྔལ། ར་རབས། སྐྱོན་བརྗོད། བདེན་གཏམ། ཕངས་མེད། བརྩོན་འགྲུས། སྐྱོད་པ།
í

Site Map | Help | Contact