རྒྱ་སེ་མེ་ཏོག་རྐང་གཅིག
རེས་གཟའ་ཉི་མའི་ཉིན། ཕུར་བུ་ང་གཉིས་གླིང་ཁའི་ནང་འཆམ་འཆམ་བྱེད་པར་ཕྱིན་པ་ཡིན། གླིང་ཁའི་སྒོ་འཛུལ་མ་ཐག་མེ་ཏོག་གི་དྲི་ཞིམ་ལྷང་ལྷང་འཐུལ་བྱུང་བས་མེ་ཏོག་ལ་ལྟ་བར་ཐལ་སོང་། མེ་ཏོག་ལ་བལྟ་བའི་དུས་གཡས་གཡོན་ལ་མི་མེད་པ་དང་སྟབས་བསྟུན་ནས་ངས་རྒྱ་སེ་མེ་ཏོག་དམར་པོ་རྐང་གཅིག་བཏོག་པ་ཡིན།
ཕུར་བུས་དེ་མཐོང་ནས་མི་དགའ་བའི་རྣམ་འགྱུར་སྟོན་བཞིན་ཁྱོད་རང་མེ་ཏོག་བཏོག་ནས་གང་བྱེད་རྩིས་ཡོད་ཅེས་དྲིས་བྱུང་བས་ངས་ང་དེར་དགའ་པོ་ཡོད། ཁྱོད་རང་ལའང་གཅིག་བཏོག་ཆོག་ཅེས་བཤད་པས་ཕུར་བུ་ཁོང་ཁྲོ་ལངས་ནས་བཏོག་མི་དགོས་ཞེས་བཤད་པ་དང་ཆབས་ཅིག་ངའི་ལག་པའི་མེ་ཏོག་དེ་འང་འཕྲོག་ནས་གླིིང་ཁའི་ནང་གི་མེ་ཏོག་ནི་མི་ཚང་མས་ལོངས་སྤྱོད་བྱེད་ཡས་མིན་པས་དེ་ནི་མི་མང་པོས་དཀའ་ལས་བརྒྱབ་ནས་ བྱང་བ་རེད། ཁྱོད་རང་གིས་གཏོར་བཤིག་དེ་འདྲ་བཏང་ན་འགྲིག་གམ་ཞེས་སྐྱོན་བརྗོད་བྱས་བྱུང་བས་ང་ནི་ག་ཤོད་འདི་ཤོད་མེད་པར་གྱུར།
ཡང་གཟའ་ཉི་མ་ཞིག་ལ་ང་ཁྱིམ་དུ་དཔེ་དེབ་བལྟས་ནས་བསྡད་ཡོད། ཕུར་བུས་རྒྱ་སེ་དམར་པོའི་མེ་ཏོག་ཁོག་མ་ཞིག་འཁྱེར་ནས་ནང་དུ་སླེབས་བྱུང་། ཁོང་གིས་འཛུམ་དམུལ་དམུལ་ངང་མེ་ཏོག་འདི་ངས་བཏབ་པ་ཡིན་པས་སོད་ལ་སྟེར་ཆོག་ཟེར་གྱི་འདུག
| བསམ་བཞིགས་ཀྱི་དྲི་བ། | |
| ༡༽ | སློབ་ཚན་འདིའི་ནང་ཁོང་གཉིས་སུའི་བྱེད་སྟངས་འགྲིག་པ་རེད་དམ། རྒྱུ་མཚན་གང་ཡིན་ནམ། |
| ༢༽ | ཁྱོད་ལ་གནས་ཚུལ་དེ་འདྲ་བ་ཕྲད་མྱོང་ངམ། ཁྱོད་ཀྱིས་གང་འདྲ་བྱས་པ་ཡིན་ནམ། |
| ༣༽ | #9=-#9},-;-1m-1{+-%0=-1{-)}#-0!}#-+#}=-+},-#$-9m,-,1k |
| ༤༽ | གཡས་གཡོན་ལ་མི་མེད་སྟབསམེ་ཏོག་བཀོག་དགོས་དོན་གང་ཡིན་ནམ། |
| ༥༽ | ཁྱེད་རང་གིས་རང་རྩོམ་ཞིག་བྲིས། |