རྔ་མོང་དང་ར་རྒན།

ས་ཕྱོགས་ཤིག་ན་རྔ་མོང་གཅིག་དང་ར་རྒན་གཅིག་མཉམ་དུ་ཡོད། རྔ་མོང་གཟུགས་ཆེན་པོ་ཡོད་པ་དང་། ར་རྒན་གཟུགས་ཆུང་ཆུང་ཡིན་ཞིང་། ཁོ་གཉིས་ཉིན་ལྟར་རང་རང་གི་གཟུགས་ཆེ་ཆུང་གི་དགེ་མཚན་ཁོ་ན་ཤོད་རེས་བྱས་ནས་སྡོད་ཀྱི་ཡོད།    

རྔ་མོང་གིས་ངས་བྱ་བ་ཞིག་བྱས་པའི་ཐོག་ནས་གཟུགས་ཆེ་བའི་དགེ་མཚན་དེ་ཁྱོད་ལ་སྟོན་ཆོག་ཅེས་ཤོད་པ་དང་། ར་རྒན་གྱིས་ངས་ཀྱང་བྱ་བ་ཞིག་བྱས་པ་ལས་གཟུགས་ཆུང་བའི་དགེ་མཚན་དེ་ཁྱོིད་ལ་སྟོན་ཆོག་ཅེས་ཟེར། དེ་ལྟར་ཁོ་གཉིས་གཅིག་འོག་གཅིག་ཏུ་མ་འདུས་པར་རྩོད་པ་རྒྱག་བཞིན་མཉམ་དུ་ཕྱིན། སྐ བས་དེར་ལྕང་གླིང་གི་ཕྱོགས་བཞིར་གྱང་མཐོ་པོས་བཀོར་ཡོད་ཀྱང་། ལྕང་མའི་ཡལ་ག་འགའ་ཞིག་གྱང་གི་ཕྱི་རོལ་དུ་ཐོན་ཡོད་པས།        རྔ་མོང་གིས་མགོ་བོ་བཏེགས་པ་ཙམ་གྱིས་ཡལ་གའི་ལོ་མ་ཟ་ཐུབ་པ་

དང་། ར་རྒན་གྱིས་ལག་པ་གཉིས་ཡར་བཀྱག་པའམ་སྐེ་ཇི་ལྟར་བསྣར་རུང་ལྕང་མའི་ཡལ་གར་སྙོབ་ཐབས་བྲལ། རྔ་མོང་གིས་རང་ལྟོས་དང་། དེའི་ཐོགས་ནས་ར་སྤོད་ཐུབ་པར་གཟུགས་ཆེ་བ་ནི་གཟུགས་ཆུང་བ་ལས་དགེ་མཚན་ཆེ་བ་མིན་འདུག་གམ་ཟེར་བས།     ར་རྒན་གྱིས་མགོ་བོ་གཡུག་གཡུག་བྱེད་བཞིན་དེ་ཁས་ལེན་མ་བྱས། ཡང་ཁོ་གཉིས་སྔར་བཞིན་རྩོད་ནས་མཉམ་དུ་ཕྱིན་པས།        ལྕག་གླིང་གི་གྱང་དེར་སྒོ་ཆུང་ཞིག་ཡོད་པར་ར་རྒན་གྱིས་ཤར་རེར་འཛུལ་ཏེ་ནང་དུ་རྩ་བཟས་ནས་བསྡད། རྔ་མོང་གིས་སྒུར་སྒུར་ཇི་ལྟར་བྱས་ཀྱང་སྒོའི་ནང་འཛུལ་མ་ཐུབ། དེར་ར་རྒན་གྱིས་ལྟོས་དང་། གཟུགས་ཆེ་བ་ལས་ཆུང་བ་དགེ་མཚན་ཆེ་བ་ཡོད་པ་ར་སྤྲོད་ཐུབ་ཨེ་སོང་ཟེར་བས།        རྔ་མོང་གིས་མགོ་བོ་གཡུག་གཡུག་བྱེད་བཞིན་ཁས་མ་བླངས།

ཁོ་གཉིས་ཀྱིས་རྩོད་གཞི་ཇི་ལྟར་བྱས་ཀྱང་ཐག་མ་ཆོད་པར། མཐར་གླང་རྒན་ཞིག་གི་འགྲམ་དུ་ཕྱིན་ཏེ་བདན་དཔང་གི་ཐག་གཅོད་ཡོང་རྒྱུའི་རེ་བ་བྱས། གླང་རྒན་དེས་བཤད་དོན་རང་གི་དགེ་མཚན་མཐོང་བ་ལས། སྐྱོན་མ་མཐོང་བ་ནི་མི་འགྲིག་པ་ཞིག་ཡིན་ལ།  གཞན་གྱི་སྐྱོན་མཐོང་བ་ལས། དགེ་མཚན་མ་མཐོང་བ་དེ་ཡང་མ་འགྲིིག་པ་ཞིག་རེད་ཅེས་བརྗོད་པས་རྔ་མོང་དང་ར་རྒན་གཉིས་ཀས་དགའ་སེམས་བསྟན་ནོ།།

 

དྲི་བ་ཁག
༡༽ སློབ་ཚན་དེ་ཀློག་ན་བརྒྱུད་ཁྱོད་ཀྱིས་གནད་དོན་གང་ཞིག་གསལ་ཤེས་ཐུབ་བྱུང་ངམ།
༢༽ རྔ་མོང་དང་ར་རྒན་གྱི་རྩོད་གཞི་དེར་གླང་རྒན་གྱིས་བར་སྡུམ་ཇི་ལྟར་བྱས་འདུག
༣༽ ཁོ་གཉིས་རྩོད་པ་ཤོར་དོནགང་ཡིན་ནམ།
í

Site Map | Help | Contact