སྟོན་ཁའི་དུས།
སྟོན་ཁ་ནམ་མཁའ་སྔོ་ལ་དྭངས་བ་དང་། རི་ཀླུང་ཚང་མ་སེར་ཐིང་ངེར་གནས་འདུག ང་ཚོའི་སློབ་གྲྭའི་ཉེ་འགྲམ་དུ་རྫིང་བུ་ཆུང་ཆུང་ཞིག་ཡོད་པ་དང་། དེའི་འགྲམ་ན་ལྗོན་ཤིང་ཞིག་ཡོད་པས། དེའི་ལོ་མ་རྣམས་སེར་པོ་ཆགས་ཏེ་བསྐྱུར་ནས་དྭངས་གཙང་གི་ཆུ་ནང་དུ་ལྷུང་བཞིན་འདུག ཉ་ཆུང་རྣམས་ཆུ་ནང་དུ་འཁྱུག་བགྲོད་བྱེད་ཅིང་། ལ་ལ་ལོ་མའི་འོག་ཏུ་ཡིབས་ནས་སྡོད་པ་དང་། འགའ་ཤས་མཆོང་ལྡིང་བྱེད་པ་སོགས་རང་རང་གི་རྩལ་ངོམས་བཞིན་ཡོད། ལོ་མ་ཁ་ཤས་ཆུ་འགྲམ་དུ་ལྷུངས་ནས་དེའི་ཐོག་གྲོག་མ་མང་པོ་ཕར་ལྟུག་ཚུར་ལྟུག་བྱེད་བཞིན་འདུག
སྐབས་དེར་ཞིང་པ་རྣམས་དགའ་སྤྲོའི་གླུ་དབྱངས་ལེན་བཞིན་བཙས་མ་བརྔ་བ་དང་། ལོ་ཏོག་དབོར་བ། གཡུལ་ལས་གཏོང་བ་སོགས་སྤྲོ་སྣང་གི་སྣམ་པས་ཁེངས་འདུག
གློ་བུར་དུ་བར་སྣང་མཐོངས་སུ་ཁུག་རྟ་གཉིས་འཕུར་ཡོང་ཞིང་། དེ་གཉིས་ཤིས་ཞིང་པ་རྣམས་ལོ་ལེགས་ཀྱི་འབྲས་བཟང་བསྡུ་བ་དང་ལྗོན་ཤིང་གི་ལོ་མ་རྣམས་སེར་པོར་གྱུར་ནས་བསྐྱུར་བ་མཐོང་ཚེ་ང་ཚོ་ལྷོ་ཕྱོགས་སུ་ལོག་དགོས་པའི་བརྡ་འབྱོར་སོང་ཟེར་བ་ལྟ་བུའི་གསུང་སྙན་གྲོགས་བཞིན་འཕུར་སོང་།
| འོག་གི་དྲི་བ་ཁག་ལ་ལན་འདེབས་གྱིས། | |
| ༡༽ | སྟོན་དུས་ལོ་མ་རྣམས་སེར་པོ་ཆགས་དོན་གང་ཡིན་ནམ། |
| ༢༽ | སྐབས་དེ་དུས་ཞིང་པ་ཚོ་དགའ་སྤྲོའི་གླུ་དབྱངས་ག་རེ་བྱས་ནས་ལེན་གྱི་ཡོད་དམ། |
| ༣༽ | ཁུག་རྟ་གཉིས་འཕུར་སྟངས་གང་འདྲ་ཡིན་ནམ། |
| ༤༽ | རྩོམ་འདི་ནས་ཁྱེད་ལ་ཚོར་སྣང་གང་བྱུང་ངམ། |
| ༥༽ | མིང་ཚིག་རྣམས་ལ་འགྲེལ་བཤད་གྱིས། འཁྱག་བགྲོད། རྫིང་བུ། བར་སྣང་། ལ་ལ། འབྲས་བཟང་། |
| ༦༽ | གཤམ་གསལ་སྒྲ་མདངས་བསྡུར་ནས་ཚིག་གྲོགས་རེ་རེ་ཟོས། དངས། མདངས། སྨིན། མིན། བསྐྱུར། བསྒྱུར། འཁྱུག ཕྱུག རྫོང་། མཇིང་། ལྷུང་། ལུང་། |
| ༧༽ | ཚིག་རྣམས་བེད་སྤྱད་ནས་རང་རྩོམ་ཐུང་ངུ་ཞིག་བྲིས། སྟོན་དུས། ལོ་ཏོག དངས་གཙང་། བརྡ་འབྱོར། རྩལ་ངོམས། སྤྲོ་སྣང་། གློ་བུར། |
| ༨༽ | སློབ་ཚན་འདིའི་བྱ་ཚིག་ཁག་ཟུར་འདོན་བྱ་དགོས། |