རྒུན་འབྲུམ་སྐྱུར་མོ།

ཉིན་གཅིག་ཝ་མོ་ཞིག་ལྟོགས་ཐག་ཆོད་ནས་ས་ཆ་གང་སར་ཟས་འཚོལ་དུ་ཕྱིན་པ་རེད། གང་འཚམས་ཤིག་ནས་ལྡུམ་ར་ཞིག་གི་ནང་དུ་སླེབས་པ་དང་། དེའི་ནང་ཆུ་རྒུན་འབྲུམ་སྨིན་ནས་སྡོང་པོའི་རྩེར་ཞིམ་མདོག་ཁ་པོར་ཆགས་ཡོད། དེ་མཐོང་བ་དང་མོའི་ཁ་ལ་འགྲམ་ཆུ་ལངས་ནས། རྒུན་འབྲུམ་རྣམས་བཟའ་འདོད་ཧ་ཅང་ཆེན་པོ་བྱུང་། དེ་འདྲ་སོང་ཙང་མོས་ཡང་ནས་ཡང་དུ་ཡར་མཆོངས་ནས་ལེན་རྩིས་བྱས་ཀྱང་། རྒུན་འབྲུམ་རྣམས་མཐོ་ཐག་ཆོད་ནས་མ་བསྙབས་པ་རེད།

མཐའ་མར་མོས་དེ་དག་བློས་བཏང་ནས་རྒུན་འབྲུམ་རྣམས་སྐྱུར་མོ་རེད། གལ་ཏེ་ངས་དེ་ཚོ་བཟས་པ་ཡིན་ན་ང་ན་གི་རེད་ཅེས་ཤོད་ཤིན་ཤོད་ཤིན་རྒྱང་རིང་ལ་ཕྱིན།།

Site Map | Help | Contact