ལས་འབྲས།
ཝ་ཞིག་དང་ཁྲུང་ཁྲུང་གཅིག་ནགས་གསེབ་ཏུ་སྡོད་ཀྱི་ཡོད་ལ། ཝ་དེ་གཡོ་སྒྱུ་ཅན་ཞིག་ཡིན་སྟབས་ཉིན་ཞིག་ཁོས་ཁྲུང་ཁྲུང་ངོ་ཚ་ལ་ཁ་སྐྱེངས་པ་ཞིག་བཟོ་འདོད་བྱུང་ནས། ཁོས་ཁྲུང་ཁྲུང་དགོང་ཟས་ཤི་སྐབས་སྡེར་མ་ལེབ་ལེབ་ཅིག་གི་ནང་དུ་ཁུ་བ་བླུགས་ཏེ་སྤད། ཁོས་ཁྲུང་ཁྲུང་གིས་དགོང་ཟས་དེ་ཤོས་ནས་གྲོད་ཁོག་ལྟོགས་པར་ནང་ལ་ལོག་དགོས་བྱུང་། དོན་དེར་ཁྲུང་ཁྲུང་ངོ་ཚ་པོ་བྱུང་བས་ཝ་ལ་ཡ་ལན་ཞིག་སློག་འདོད་ཆེན་པོ་བྱུང་བ་རེད། ཉིན་ཤས་ཀྱི་རྗེས་སུ་ཁྲུང་ཁྲུང་གི་ཝ་མོ་དགོང་ཟས་ལ་མགྲོན་འབོད་བྱས་པ་དང་། སྐབས་དེར་ཁྲུང་ཁྲུང་གིས་ཆུ་སྣོད་སྐེ་རིང་ལ་ཕྲ་བ་ཞིག་གི་ནང་དུ་ཁུ་བ་བླུགས། ཁྲུང་ཁྲུང་གིས་ཁུ་བ་ཞིམ་ཉམས་བྱས་ནས་འཐུང་དུས་ཝ་ཡིས་ཅུང་ཟད་རྩམ་ཡང་འཐུང་མ་ཐུབ་པས། ཆུ་སྣོད་ཀྱི་ཕྱི་ལ་ལྕེ་ལྡག་བརྒྱབས་ནས་ལྷག་པས། ངོ་ཚ་པོའི་ངང་རང་ཁྱིམ་དུ་ལོག་དགོས་བྱུང་བ་རེད།།