ལྐུགས་རྟགས་ཚ་ཤོས།

ཐེངས་གཅིག་ཚོང་པ་འགའ་ཤས་རྒྱལ་པོ་ཞིག་གི་འགྲམ་དུ་ཡོང་སྟེ་རྟ་རྒྱུགས་འགྲ ན་བསྡུར་ལ་ཞུགས་ཆོག་པའི་རྟ་ཕོ་སྤུས་དག་འགའ་ཤས་འཚོང་རྒྱུར་བཞག་པ་རེད། རྒྱལ་པོས་ཚོང་པ་ཚོར་རྟ་རིན་ཕྱེད་ཀ་སྔོན་ལ་ལེན་རོགས་ཞེས་བརྗོད་པ་དང་། ད་དུང་འདི་དག་དང་འདྲ་བའི་རྟ་དྲུག་འཁྲིད་ཡོང་རོགས་ཟེར། ཚོང་པ་ཚོས་རྟ་རིན་སྔོན་དུ་སྤྲད་ན་འཁྲིད་ཆོག་ཅེས་སྨྲས་པས། ཁོས་གསེར་ཌམ་བླུགས་པའི་རས་ཁུག་ཅིག་ཚོང་པ་ཚོའི་ལག་ཏུ་སྤྲད་དེ། འདི་འཁྱེར་ནས་རྟ་ཕོ་རྣམས་གང་མགྱོགས་ཁྲིད་ནས་ཕེབས་ཤོག་ཅེས་སྨྲས།

ཉིན་ཤས་ཤི་རྗེས་སུ་རྒྱལ་པོས་དགའ་སྤྲོ་ཆེན་པོའི་ངང་ལུང་པ་དེར་མི་རྒོད་བྲོ་ཅན་ཞིག་ཡོད་པ་དེ་བོས་ནས། རྒྱལ་ཁང་ནང་གི་མི་ལྐུགས་རྟགས་ཚ་པོ་ཡོངས་ཀྱི་མིང་ཐོ་བཀོད་ནས་འཁྱེར་ཤོག་ཅེས་བཤད། ཁོས་རྒྱལ་པོའི་བཀའ་བཞིན་བྱས་ཏེ་ཐོ་གཞུང་གི་ཐོག་མ་དེར་རྒྱལ་པོ་ཁོ་རང་གི་མིང་བཀོད་ཡོད། གནས་ཚུལ་དེར་རྒྱལ་པོ་ཁོང་ཁྲོ་ཚད་ལངས་ཏེ། ག་རེ་བྱས་ནས་ངའི་མིང་བཀོད་པ་ཡིན་ནམ་ཞེས་དྲིས། ཁོས། གང་ལགས་ཟེར་ན། མི་རྒྱུས་མེད་ཐ་ན་གང་དུ་སྡོད་ཀྱི་ཡོད་མེད་ཀྱང་མི་ཤེས་པ་རྣམས་ལ་རྟ་རིན་ཕོན་ཆེན་པོ་དེ་འདྲ་སྔོན་དུ་སྤྲད་པས་ཡིན་བརྗོད་པས། རྒྱལ་པོས་ཨཱ། འོན་གྱང་ངས་བྱས་ན་ཁོ་ཚོ་ངེས་པར་ཡོང་གི་རེད་ཅེས་འཛུམ་དམུལ་དམུལ་གྱིས་བཤད། གལ་ཏེ་ཁོ་ཚོ་འདིར་སླེབས་བྱུང་ན་ངས་རྒྱལ་པོ་ཁྱེད་ཀྱི་མཚན་མར་བཏོན་ཏེ་དེ་ཡི་ཚབ་ལ་གཞན་དག་འཇུག་གི་ཡིན་ཞེས་ལན་བཏབ་པ་རེད།།     

བསམ་བློ་སྔོན་ལ་ཐོངས་ན་མཁས་པ་དང།། རྐྱེན་རྩ་མདུན་དུ་ལྷག་པ་སུས་ཀྱང་མཐོང་།། 

 

Site Map | Help | Contact