ཤ་ཕོ།

སྔོན་ཤིང་ནགས་མཐུག་པོ་ཞིག་གི་ནང་དུ་ཤ་ཕོ་གཅིག་སྡོད་ཀྱི་ཡོད། ཉིན་ཞིག་ཁོ་ཆུ་རྫིང་གཅིག་ནས་ཆུ་འཐུང་བར་ཕྱིན་པ་དང་། ཆུ་འཐུང་བའི་སྐབས་ཁོའི་གཟུགས་བརྙན་ཆུའི་ནང་དུ་འཆར་དུས། ཁོ་རང་གི་མཛེས་སྡུག་ལྡན་པའི་ར་ཅོ་གཉིས་ལ་དགའ་སྤོབས་ཆེན་པོའི་ངང་བསྟོད་བསྔགས་བྱས། འོན་གྱང་ཁོས་དཀོན་མཆོག་མཁྱེན་ངའི་རྐང་པ་འདི་དག་སྐྱོ་བ་ལ་ཞེས་སྐམ་ལ་མདོག་ངན་པའི་རྐང་པ་དག་ལ་མཐོང་ཆུང་བྱས།

དེ་འདྲ་ཞིག་ལ་རྒྱང་རིང་ནས་ཁྱི་ཀད་གྲགས་པ་དང་། ཅུང་ཟད་ཙམ་ལས་མ་འགོར་བར་ཤ་ཁྱི་རྣམས་ཁོའི་ཕྱོགས་སུ་རྒྱུགས་ཡོང་། ཤ་ཕོས་དེ་རྣམས་མཐོང་མ་ཐག་རང་སྲོག་གི་ཆེད་དུ་ཤུགས་ཡོད་ཚད་བཏོན་ནས་བྲོས། ཁོའི་སྐམ་ལ་མདོག་ངན་པའི་རྐང་པ་ཟུང་གིས་ཁོ་རང་འཁྱེར་ནས་ག་ཚོད་རྒྱུག་ཐུབ་རྒྱུགས་ཀྱང་། ཁོའི་མཛེས་སྡུག་ལྡན་པའི་ར་ཅོ་དག་གིས་རྩ་དུམ་ཁྲོད་ལ་བསྐྱོད་དུས་གཡས་འཁོན་གཡོག་འཁོན་བྱས་ནས་མགྱོགས་པོ་འགྲོ་མ་ཐུབ་པར་བརྟེན། ཤ་ཁྱི་རྣམས་ཀྱིས་ཁོའི་སྒང་ལ་མཆོངས་ཏེ་དུམ་བུ་མང་པོར་བཏང་བ་རེད།།

Site Map | Help | Contact