གྲོགས་པོ་ངན་པ།
རཱ་ཝི་དང་། ཝི་ཇཱི་གཉིས་སྙིང་ཉེ་བའི་གྲོགས་པོ་ཟུང་ཞིག་རེད། ཉིན་ཞིག་ཁོ་ཚོ་གཉིས་ཤིང་ནགས་ཤིག་བརྒྱུད་ནས་ཐག་རིང་ལ་ཕྱིན། ཁོ་ཚོ་གཉིས་རྟག་པར་གཅིག་གིས་གཅིག་ལ་ཁྱེད་རང་ལས་ང་བློས་ཐུབ་པ་དང་བརྩེ་དུང་ཆེ་བ་ཡོད་ཅེས་ཤོད་རེས་བྱེད་ཀྱི་ཡོད། ཁོ་ཚོ་འགྲོ་སའི་ཤིང་ནགས་དེ་བདག་མེད་སེམས་ཅན་གྱིས་ཁེངས་ཡོད་སྟབས། གློ་བུར་དུ་ཁོ་ཚོའི་ཕྱོགས་ལ་དོམ་ཞིག་ཡོང་གི་ཡོད་པ་མཐོང་བ་དང་། རཱ་ཝི་གིས་དེ་མ་ཐག་ཤིང་སྡོང་གཅིག་གི་སྒང་ལ་འཛེགས། ཡིན་ན་ཡང་ཝི་ཇཱི་ཤིང་སྡོང་སྟེང་ལ་འཛེགས་ཐུབ་ཀྱི་མེད་པས་ག་བྱེད་འདི་བྱེད་མེད་པར་ལྷག
དེ་ནས་ཁོས་ཐབས་ཤེས་ཤིག་དྲན་ནས་དབུགས་མ་བཏང་བར་ཤི་བ་ལྟར་ས་སྟེང་དུ་ཉལ་ནས་བསྡད། དོམ་དེས་ཁོའི་འགྲམ་དུ་ཡོང་ནས་ཁོའི་ལུས་ལ་དྲིི་མ་བསྣོམས་ཏེ་ཁོ་འཁྱེར་ནས་མི་ཤི་བའི་རོ་གཅིག་གི་འཁྲིས་སུ་བཞག དོམ་རྒྱང་རིང་ལ་ཕྱིན་ཚར་བའི་རྗེས། རཱ་ཝི་ཤིང་སྡོང་ལས་མར་བབས་པ་དང་། ཝི་ཇཱི་གི་ཨ་མཆོག་ནང་དོམ་གྱིུས་གང་དང་གང་བཤད་བྱུང་ངམ་ཞེས་སྐད་ཆ་བྲིས་པས། དོམ་གྱིས་གྲོགས་པོ་རྫུན་མ་ཚོ་ལ་ཡིད་ཆེས་མ་བྱེད་ཅེས་སྨྲས་བྱུང་ཞེས་ལབ་པས། རཱ་ཝི་ངོ་ཚ་པོ་བྱུང་། དེ་ནས་སླར་ཡང་ཁོ་ཚོ་གཉིས་འགྲུལ་བཞུད་འགོ་བཙུགས་པ་རེད།།