རྫུན་ནམ་ཡང་མ་ཤོད།

གནའ་སྔ་མོ་ལུག་རྫི་བ་ཆུང་ཆུང་ཞིག་ཡོད། ཁོས་ཞོགས་པ་ལུག་དང་ར་ཁྱུ་གཅིག་འདེད་ནས་རྩ་ཆུ་གང་བཟང་དུ་འཚོ་བར་འགྲོ་བ་དང་། དགོང་དྲོ་དེ་དག་དང་མཉམ་དུ་ལོག་ཡོང་གི་ཡོད། ཉིན་གཅིག་ཁོ་པས་གྲོང་གསེབ་པ་རྣམས་ལ་མགོ་སྐོར་གཏོང་དགོས་སྙམ་སྟེ། སྤྱང་ཀི་འདུག སྤྱང་ཀི་འདུག་ཅེས་སྐད་ཤུགས་ཆེན་པོ་བརྒྱབས་པས་ཡུལ་མི་ཚང་མ་རྒྱུགས་ཡོང་། འོན་གྱང་ཁོ་ཚོ་ལུག་རྫི་བའི་ཉེ་འགྲམ་དུ་སླེབས་དུས་སྤྱང་ཀི་ཅི་ཡང་མེད་པ་ཤེས་ཏེ་ཁ་ལྷེངས་པོའི་ངང་ལོག་དགོས་བྱུང་། ཁོས་དེ་འདྲ་བྱས་ཏེ་ཡུལ་མི་རྣམས་ལ་མགོ་ཀོར་ཐེངས་མ་འགའ་ཤས་བཏང་།

ཉིན་གཅིག་སྤྱང་ཀི་དངོས་གནས་ཁོའི་ལུག་ཁྱུར་རྒྱུགས་ཡོང་སྐབས། ཁོས་སྐད་ཤུགས་སྔར་ལས་ཆེ་བ་ཇི་ཙམ་བརྒྱབས་ཀྱང་ཚང་མས་སྣང་མེད་ལ་བཏང་། དེར་བརྟེན་སྤྱང་ཀིས་ལུག་རྫི་བ་དེ་ལ་རྨུག་པ་མ་ཟད། ལུག་འགའ་ཤས་ཀྱང་བསད་པ་རེད། དེ་ནས་ཁོ་ལ་བསླབ་བྱ་བཟང་པོ་ཞིག་ཐོབ་པས་རྗས་སུ་མགོ་ཀོར་དེ་འདྲ་རྩ་བ་ནས་གཏོང་གི་མེད།

ད།།

Site Map | Help | Contact