ཉི་མ་དང་ལྷགས་པ།

ཐེངས་གཅིག་ཉི་མ་དང་ལྷགས་པ་གཉིས་རྩོད་པ་ཤོར་ཏེ། ཉི་མས་ང་ལྷགས་པ་ཁྱོད་ལས་སྟོབས་ཤུགས་ཆེ་བ་ཡོད་ཅེས་བརྗོད་པ་དང་། ཡང་ལྷགས་པས་ང་ཉི་མ་ཁྱོད་ལས་ནུས་ཤུགས་ཆེ་བ་ཡོད་ཅེས་བཤད། དེ་ནས་ཁོ་ཚོས་མི་ཞིག་གི་སྟེང་དུ་རང་རང་གི་ནུས་པ་བཏོན་ནས། སུ་སྟོབས་ཤུགས་ཆེ་བ་ཡིན་དང་མིན་གྱི་ཐག་གཅོད་བྱ་རྒྱུ་བྱས།

སྐབས་དེར་རྒྱང་རིང་གི་སར་འགྲུལ་པ་ཞིག་འགྲོ་བ་མཐོང་བ་དང་། ལྷགས་པས་ཕུ་ཤུགས་ཆེ་བརྒྱབས་ནས་འགྲུལ་པའི་སྟོད་ཐུང་བཤུ་རྩིས་བྱས། འོན་གྱང་ལྷགས་པས་ཕུ་ཇི་ཙམ་ཤུགས་ཆེ་བ་བརྒྱབས་པ་དེ་ཙམ་གྱིས་འགྲུལ་པའི་སྟོད་ཐུང་དེ་ཁོའི་གཟུགས་པོར་དམ་དུ་ཕྱིན་ནས། ལྷགས་པས་ཁོའི་སྟོད་ཐུང་བཤུ་ཐུབ་མེད།

དེ་ནས་ཉི་མའི་རེས་མོ་སླེབས་པ་དང་། ཁོས་ཉི་འོད་ཚ་པོ་བཏང་བས་འགྲུལ་པས་སྟོད་ཐུང་གི་ཐུབ་ཆི་བཀྲོལ་དགོས་བྱུང་། གང་འཚམས་ནས་ཉི་མས་སླར་ཡང་འོད་ཆེ་རུ་བཏང་བ་དང་སྔར་ལས་ཀྱང་ཚ་རུ་ཕྱིན་ཏེ། འགྲུལ་པ་ཚ་བས་མ་བཟོད་པར་མགོ་ནས་རྟེང་ཀ་བར་རྔུལ་ནག་གིས་ཁེངས་པས། སྟོད་ཐུང་ཕུད་དགོས་བྱུང་།

དེ་འདྲ་བྱས་ནས་ཉི་མས་ལྷགས་པ་ལས་སྟོབས་ཤུགས་ཆེ་བ་ཡོད་པ་དེ་དངོས་སུ་བསྟན་ནས་རྒྱལ་ཁ་བླངས་པ་རེད།།

Site Map | Help | Contact