ཤེས་རབ་ནི་ཅོབས་ཤུགས་ལས་ལྷག
གནའ་སྔ་མོ་གྲོང་གསེབ་ཅིག་ཏུ་ཞ་མོ་ཚོང་མཁན་ཞིག་སྡོད་ཀྱི་ཡོད་ལ། ཁོས་ཞ་མོ་མང་པོ་བཟོས་ནས་ཉེ་འགྲམ་གྱི་གྲོང་སྡེར་ནང་དུ་འཚོང་གི་ཡོད། ཉིན་གཅིག་གནམ་གཤིས་ཧ་ཅང་ཚ་བའི་སྐབས། ཁོས་སྤྲེའུ་མང་པོ་གནས་སའི་ཤིང་ནགས་ཤིག་བརྒྱུད་ནས་ཞ་མོ་འཚོང་བར་ཕྱིན། ཉིན་དགུང་གི་མཚམས་སུ་དཀའ་ལས་ཁག་པོ་བྱུང་བ་དང་ངལ་གསོ་འཁྱུག་ཙམ་རྒྱག་འདོད་ཆེན་པོ་བྱུང་སྟེ། ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་དོས་པོ་སྔས་མགོར་བཅུག་ནས་ཉལ། ཁོས་ཞ་མོ་མགོ་ལ་གྱོན་བཞིན་མི་རིང་བར་གཉིད་ལ་ཤོར།
ཤིང་སྡོང་གི་སྟེང་ནས་ལྟ་གིན་ཡོད་པའི་སྤྲིའུ་ཚོས་དལ་པོར་མར་བབ་སྟེ། ཁོའི་དོས་པོ་ཁ་ཕྱི་ནས་ཚང་མས་ཞ་མོ་རེ་རེ་གོན་ཏེ་ཤིང་སྡོང་གི་སྟེང་ལ་འཛེགས། ཁོ་གཉིད་ལས་སད་དུས། ལྟོ་ཕད་སྟོང་པར་གྱུར་བ་ཤེས་ནས་ཧ་ལས་པ་རེད། དེ་འདྲ་ཞིག་ནས་སྤྲེའུ་ཚང་མའི་མགོ་ལ་ཞ་མོ་རེ་གྱོན་ཡོད་པ་མཐོང་ན་ཡང་། དེ་དག་ཚུར་ལེན་རྒྱུ་ཁག་པོ་ཞེད་དྲག་ཡིན་སྙམ། གློ་བུར་དུ་བསམ་བློ་ཞིག་འཁོར་ནས། ཁོ་རང་གི་ཞ ་མོ་དེ་ཕར་གཡུགས་པ་དང་། སྤྲེའུ་ཚོས་ཀྱང་ཁོའི་ལད་མོ་བྱས་ཏེ་ཞ་མོ་རྣམས་ས་སྟེང་དུ་གཡུགས་པས། ཁོས་ཞ་མོ་རྣམས་བསྒྲུགས་ནས་ཁྲོམ་ལ་ཕྱིན་པ་རེད།