དཀའ་སྤྱད་ལ་འབྲས་བུ།

སྔོན་གྱི་དུས་སུ་ཞིང་པ་གཅིག་ལ་བུ་བཞི་ཡོད་ཅིང་། བུ་རྣམས་ཀྱིས་རྟག་པར་ཉི་མ་གང་འཁྱོལ་བྱེད་པ་ལས་ཁོ་རང་ཚོའི་ཕ་ལ་རོགས་པ་རྩ་བ་ནས་བྱེད་ཀྱི་མེད། པ་ཕས་ཁོ་ཚོར་ལས་ཀ་ཧུར་ཐག་བྱེད་དགོས་པའི་བསླབ་བྱ་ཐེངས་མང་བརྒྱབས་ཀྱང་། དེ་དག་གིས་རྣ་རྒྱབ་ཀྱི་ལྷགས་པ་ལྟར་སྣང་མེད་ལ་གཏོང་གི་ཡོད།

ཉིན་ཞིག་ཞིང་པ་དེ་ནད་དྲག་པོས་མནར་སྐབས། ཁོའི་སེམས་ལ། ད་ཆ་ང་འཆི་བར་ཉེ་བ་འདུག་སྙམ་ནས་བུ་རྣམས་ཁོ་རང་གི་འགྲམ་དུ་བོས་ཏེ་ངས་ཞིང་ཁའི་ནང་གསེར་མང་པོ་སྦས་ཡོད། ཡིན་ན་ཡང་ཕྱོགས་གང་དུ་ཡོད་མེད་གསལ་པོ་ཤེས་ཀྱི་མི་འདུག བྱས་ཙང་ཁྱེད་ཚོས་ཞིང་ཁ་ཆ་ཚང་བགོགས་ནས་འཚོལ་དགོས་ཞེས་བཤད་པའི་རྗེས་ཕ་དེ་ཤི་བ་རེད། ཕུང་པོ་དུར་བཅུག་གི་མཛད་སྒོ་ཚར་བའི་མཇུག་ཏུ་བུ་རྣམས་ཀྱིས་ཞིང་ཁ་སྔོག་པར་ཕྱིན། ས་ཞིང་མ་ལུས་པར་བསྔོགས་ཀྱང་བུ་རྣམས་ལ་གསེར་རྡོག་རིལ་མ་ཙམ་ཡང་མ་རག་པས། ཕ་ལ་དམོད་མོ་བལྟབས།

དེ་ནས་ཆར་འགོ་ཚུགས་པའི་དུས་ཁོ་ཚོས་ཞིང་ལ་གྲོ་བཏབ་པ་དང་ལོ་དེར་སྟོན་ཐོག་ཤིན་ཏུ་ལེགས་པོ་བྱུང་། བུ་ཚོས་གྲོ་བཙོང་ནས་དངུལ་མང་པོ་བྱུང་སྟབས། དེའི་དུས་སུ་པ་པས་བུ་རྣམས་ལ་དྲང་པོ་གསུངས་པ་གཞི་ནས་ཤེས་པ་དང་། དེ་ནས་བཟུང་ཁོ་ཚོས་ལེ་ལོ་རྩ་བ་ནས་མ་བྱས་པར་ལས་ཀར་འབད་བརྩོན་བྱས་པ་རེད།།

Site Map | Help | Contact