སྡོམ་གྱི་སྙིང་སྟོབས།

རུ་པ་ཏི་ཞེས་པ་ནི་སི་ཀོ་ཌ་ལན་ཌའི་རྒྱལ་པོ་ཞིག་ཡིན་ལ། ཁོང་ལ་དམིགས་ཡུལ་གཅིག་ཡོད་པ་ནི་ཁོང་རང་གི་རྒྱལ་ཁབ་དབྱིན་ཇིའི་དབང་འོག་ནས་རང་དབང་ཐོབ་པ་བྱ་རྒྱུ་དེ་རེད། དེའི་ཕྱིར་ཁོང་གིས་དགྲ་པོ་དང་མཉམ་དུ་དམག་འཁྲུག་ཡུན་རིང་ཐེངས་མང་པོ་བྱས་ཀྱང་། རྟག་པར་ཕམ་ཉེས་བྱུང་གི་ཡོད། མཐའ་མར་རྒྱལ་པོས་དམག་རྒྱག་རྒྱུ་བློས་བཏང་ནས། ཁོ་རང་ཤིང་ནགས་ཀྱི་དཀྱིལ་ལ་བྲོས་ཏེ་བྲག་ཕུག་ཅིག་ཏུ་ཡིབ་ནས་བསྡད།

ཉིན་ཞིག་རྒྱལ་པོ་བློ་ཕམ་ངང་གནས་པའི་ཚེ། གློ་བུར་དུ་སྡོམ་གཅིག་སྡོམ་ཐག་འཐེན་སྐབས་ཐོག་འོག་ནས་མར་ཟགས་ཏེ། ཁོའི་སྤུས་ཀ་ལེགས་པའི་སྡོམ་ཐག་ལ་འཁོན་ནས་ཕྱང་ཕྱང་ལ་ལྷག་པ་མཐོང་། སྡོམ་གྱིས་སྡོམ་ཐག་འཐེན་ས་དེར་སླེབ་ཆེད་ཡར་འཛེགས་ཐབས་ཡང་ནས་ཡང་དུ་བྱས་ཀྱང་། ཐེངས་མ་རེ་རེར་སྔར་ལས་ཀྱང་མར་ས་ལ་དམའ་བར་ལྷུང་།

སྡོམ་དྲན་པ་འཐོར་ཏེ་གང་འཚམས་ལུས་པ་དང་། རྒྱལ་པོ་ཡ་མཚན་སྐྱེ་བཞིན་དུ་སེམས་ཅན་སྐྱོ་བོ་འདིས་སླར་ཡང་འབད་བརྩོན་བྱེད་ཀྱི་མ་རེད་སྙམ། འོན་གྱང་ཁོང་ཧ་ལས་དགོས་པ་ཞིག་ལ། སྡོམ་གྱིས་དལ་བུར་ཡར་ལངས་ནས་སྡོམ་ཚང་དེར་བསྙབས་གྲབས་བར་སྙིང་རུས་ཆེན་པོས་འཛེགས་པས། མཐར་ལམ་འགྲོ་ཆེན་པོའི་ངང་སྡོམ་ཚང་བཟོ་ཐུབ་པ་བྱུང་།

དེར་རྒྱལ་པོ་ཧ་ཅང་དགའ་བས་ས་མཆོང་གནམ་མཆོང་བ་རྒྱབས། དེ་ནས་ཁོང་གིས་བསམ་པར། གལ་ཏེ་སེམས་ཅན་ཆུང་ཙག་འདི་ལྟ་བུས་འབད་བ་རྩོན་ཡང་ཡང་བྱས་ནས་རྒྱལ་ཁ་ཐོབ་ན། ང་མི་ཞིག་གིས་རྒྱལ་ཁ་ལེན་མི་འཐུབ་པ་ཅི་ཞིག་ཡོད་སྙམ་ནས། སླར་ཡང་དབྱིན་ཇིའི་དགྲ་དམག་དང་འཛིང་པས། ཐེངས་འདིར་ཁོང་གི་རྒྱལ་ཁབ་ལ་རང་དབང་ཐོབ་པ་རེད།།

 

Site Map | Help | Contact