གྲོགས་པོ་གསུམ།

སྔོན་གྲོགས་པོ་གསུམ་ཤིང་ནགས་དཀྱིལ་དུ་འགྲོ་སྐབས་གསེར་བླུགས་པའི་དངུལ་ཁུག་ཅིག་རྙེད་པ་རེད། ཁོང་ཚོ་གསུམ་དགའ་ཐག་ཆོད་ནས་བགོ་བཤའ་ཆ་སྙོམས་བརྒྱབ་རྒྱུའི་ཐག་གཅོད་བྱས། གང་འཚམས་ནས་ཁོ་ཚོ་གྲོད་ཁོག་ཧ་ཅང་ལྟོགས་པ་དང་གཅིག་ཉེ་འགྲམ་གྱི་གྲོང་བརྡལ་ནས་ཟས་ལེན་པར་བཏང་། ཁོ་མེད་པའི་རིང་གྲོགས་པོ་གཉིས་ཀྱིས་ཁོ་ཚུར་སླེབས་རྗེས་བསད་ནས་གསེར་རྣམས་ཁོ་ཚོ་གཉིས་རང་ལ་བགོ་བཤའ་རྒྱག་རྒྱུའི་གྲོས་ངན་བྱས་ན། གྲོང་བརྡལ་ལ་འགྲོ་མཁན་དེས་གསེར་ཆ་ཚང་ཁོ་རང་ལ་ཐོབ་ཆེད་ཁ་ལག་རྒྱགས་ཚད་བཟས་ཏེ་ལྷག་མ་རྣམས་ལ་དུག་བླུགས། ཁོ་ཕྱིར་སླེབས་པ་དང་གྲོགས་པོ་གཉིས་ཀྱིས་བསད་པ་དང་། དེ་ནས་ཁོ་གཉིས་ཀྱིས་སྔོན་ལ་གསེར་མ་བགོས་པར་དུག་ཅན་གྱི་ཁ་ལག་དེ་བཟས་པར་བརྟེན་གློ་བུར་དུ་ཤི་ནས། གསེར་རྣམས་སྔར་བཞིན་ལྷག་པ་རེད།།       

Site Map | Help | Contact