སྤྱང་གྲུང་ལྡན་པའི་ཁྱི་སྤྱང་།

དྲང་སྲོང་དགུང་ལོ་ཆེན་པོར་སླེབས་པ་ཞིག་ཤིང་ནགས་བརྒྱུད་ནས་ཕེབས་པའི་སྐབས།   ལྕགས་དྲའི་ནང་དུ་ཚུད་པའི་སྟག་ཅིག་དང་ཕྲད་པ་རེད། སྟག་དེས་དྲང་ སྲོང་མཐོང་བ་དང་ཁོ་རང་ཕྱིར་གློད་རོགས་ཞེས་ཞུ་བ་ཡང་ཡང་འཐེན་པས། སྟག་ལ་སྙིང་རྗེ་སྐྱེས་ནས་དྲང་སྲོང་གིས་ལྕགས་དྲའི་སྒོ་ཕྱེ་བ་རེད། ཁོ་ལྕགས་དྲའི་ཕྱི་རུ་སླེབས་པ་དང་དྲང་སྲོང་བཟའ་བརྩི་བྱས་པས། དྲང་སྲོང་གིས་ཁྱོད་ངོ་ཚ་ཁྲེལ་མེད་ཅིག་རེད་ཅེས་བཤད་ནས། རང་སྲོག་སྐྱོབ་ཐབས་སུ། ང་གཉིས་ཀྱི་གནས་ཚུལ་འདི་སེམས་ཅན་གཞན་ཞིག་ལ་ཐག་གཅོད་གནང་རོགས་ཞུ་བར་འ གྲོ་ཞེས་བསམ་ཚུལ་བརྗོད་པས། སྟག་གིས་ཀྱང་དེ་ལྟར་བྱ་རྒྱུའི་མོས་མཐུན་བྱས་པ་རེད།

ཁོ་གཉིས་དང་པོ་བྱང་ཆུབ་ཤིང་སྡོང་ཞིག་གི་འགྲམ་དུ་ཕྱིན་པ་དང་། དེས་མི་རྒན་པ་རྣམས་ངོ་ཚ་ཁྲེལ་མེད་ཤ་སྟག་རེད། ངས་ཁོ་ཚོར་རྟག་ཏུ་གྲིབ་བསིལ་སྤྲད་ཀྱང་ཁོ་ཚོས་ངའི་ཡལ་ག་རྣམས་གཅོད་ཀྱི་འདུག་ཅེས་བཤད།

དེ་རྗིས་དྲང་སྲོང་དང་སྟག་གཉིས་བ་གླངང་གཅིག་དང་ཕྲད། བ་གླང་དེ་ཡང་ཁོའི་སྦྱིན་བདག་ལ་ཞེན་པ་ལོག་ནས་བསྡད་ཡོད། གང་ལགས་ཟེར་ན་བ་གླང་གིས་ལས་ཀ་ཧུར་ཐག་བྱས་ཀྱང་། ཟས་མ་སྤད་པ་མ་ཟད་ད་དུང་ཉེས་བརྡུང་ཤུགས་ཆེ་གཏོང་གི་ཡོད། དེར་བརྟེན་གླང་གིས་དྲང་སྲོང་འདི་བཟའ་འོས་པ་ཞིག་རེད་ཅེས་སྨྲས།

དེ་ནས་དྲང་སྲོང་རེ་བ་ཟད་ནས་ཁྱི་སྤྱང་ཞིག་གི་འགྲམ་དུ་སྐད་ཆ་དྲི་བར་ཕེབས། ཁྱི་སྤྱང་གིས་སྟག་གི་མ་རབས་ཀྱི་སྤྱོད་ཚུལ་དེ་མཐོང་བས་དྲང་སྲོང་ལ་སྙིང་རྗེ་སྐྱེས་ཏེ། ངས་ཁྱོད་གཉིས་ཀྱི་རྙོག་དྲ་འདིའི་བྱུང་སྟངས་ཆ་ཚང་མཐོང་བའི་རྗེས་ལ་ཐག་གཅོད་བྱ་རྒྱུ་ཡིན་ཞེས་ཁྱི་སྤྱང་གིས་ལབ།

ཁོ་ཚོ་གསུམ་ས་ཆ་དེར་སླེབས་སྐབས་ཁྱི་སྤྱང་གིས་སྟག་ཆེན་པོ་གཅིག་ལྕགས་དྲ་ཆུང་ཆུང་འདི་འདྲར་ཤོང་ཐུབ་པར་དཀའ་ཞེས་བརྗོད་པ་དང་། སྟག་གིས་ལྕགས་དྲའི་ནང་དུ་མཆོངས་ནས་ཁོ་རང་ཤོང་གི་ཡོད་པ་དེ་བསྟན། ཁྱི་སྤྱང་གིས་གློ་བུར་དུ་ལྕགས་དྲའི་སྒོ་བརྒྱབས་ཏེ་དྲང་སྲོང་དང་མཉམ་དུ་ཐག་རིང་གི་སར་ཕྱིན་པ་རེད།།

Site Map | Help | Contact