ཆིག་སྒྲིལ་ནི་སྟོབས་ཤུགས་རེད།

 

སྔོན་གྱི་དུས་སུ་ཞིང་པ་ཞིག་ལ་ཕྲུ་གུ་གསུམ་ཡོད་ཅིང་། ཕྲུ་གུ་རྣམས་རྟག་ཏུ་ནང་འཁྲུག་ཁོ་ན་བརྒྱབས་ནས་སྡོད་ཀྱིི་ཡོད། ཞིང་པ་དེས་ཁོ་ཚོར་འཆམ་མཐུན་ངང་གནས་དགོས་པའི་སློབ་གསོ་ཐེངས་མང་བྱས་ཀྱང་ཕན་འབྲས་གང་ཡང་མེད་པར་གྱུར།

ཉིན་གཅིག་ཕ་རྒན་དེ་འཆི་ལ་ཉེ་བས་ཉལ་ཁྲིའི་སྟེང་དུ་ལྷག་སྐབས་ཕྲུ་གུ་གསུམ་མདུན་དུ་བོས་ནས། དབྱུག་པ་ཆག་པ་གཅིག་འཁྱེར་ཤོག་ཅེས་བཤད། ཁོ་ཚོས་རྒྱུག་པ་ཆག་པ་ཞིག་འཁྱེར་ཡོང་བ་དང་ཕྲུ་གུ་རེ་རེ་བཞིན་གཅོག་ཏུ་བཅུག་སྐབས། ཁོ་ཚོ་སུས་ཀྱང་བཅག་ཐུབ་མེད། ཞིང་པ་རྒས་པོས་ཆག་པ་དེ་བཤིག་ཏུ་བཅུག་སྟེ། སླར་ཡང་ཤིང་རྐང་རེ་རེ་བྱས་ནས་གཅོག་ཏུ་བཅུག་པས་ཕྲུ་གུ་ཆུང་ཤོས་དེས་ཀྱང་ལས་སླ་པོར་བཅག་ཐུབ་པ་རེད།

དུས་དེར་ཞིང་པ་རྒས་པོས་བརྗོད་དོན་བུ་ཚོ་ལྟོས་དང་གཅིག་སྒྲིལ་གྱི་ནུས་ཤུགས་ལ་དབྱུག་པ་རྣམས་མཉམ་དུ་བསྡམས་ན་ཁྱོད་ཚོ་སུས་ཀྱང་གཅག་ཐུབ་ཀྱི་མི་འདུག་གམ། འོན་གྱང་རྒྱུག་པ་རེ་རེ་བྱས་ན་ཁྱེད་རང་ཚོས་ལས་སླ་པོར་བཅག་ཐུབ་སོང་། དེ་ནང་བཞིན་ཁྱེད་ཚོ་གཅིག་སྒྲིལ་ཐོག་གནས་པ་ཡིན་ན་ཕྱི་ཡི་དགྲ་བོ་སུ་གང་གིས་བརྙས་བཅོས་གཏང་ཐུབ་ཀྱི་མ་རེད། གལ་ཏེ་ཁྱོད་ཚོ་འཁྲུག་རྩོད་ཁོ་ན་བརྒྱབས་ནས་ཁག་ཁག་ཏུ་བསྡད་ན་གཞན་གྱིས་སྟབས་བདེ་པོར་ཕམ་ཉེས་གཏོང་གི་རེད་ཅེས་བཤད། དེ་ནས་བཟུང་བུ་རྣམས་གྱིས་ཕའི་བསླབ་བྱ་ཡིད་ལ་བཞག་ནས་འཆམ་པོའི་ངང་གནས་པ་རེད།།

Site Map | Help | Contact