སྦྲང་ནོར་བུ་དང་ཕུག་རོན།

སྔོན་གྱི་དུས་སུ་སྦྲང་ནོར་བུ་ཞིག་ཆུ་རྫིང་གི་ནང་དུ་ལྷུང་པ་དང་། ཆུ་རྒྱུན་དྲག་པོ་ཞིག་གིས་རྒྱང་རིང་ལ་འཁྱེར་ནས་ཆུའི་ནང་དུ་དིམ་གྲབས་བྱས་པ་རེད། སྐབས་དེར་འཁྲིས་ཀྱི་ཤིང་སྡོང་གི་སྟེང་ན་ཕུག་རོན་གཅིག་བསྡད་ཡོད་པ་རེད། ཕུག་རོན་གྱིས་གྱང་ནོར་བུ་སྲོག་གི་ཉེན་ཁར་ཐུག་པ་དེ་མཐོང་བ་དང་། ཤིང་སྡོང་གི་སྟེང་ནས་ཡལ་ག་ཞིག་བཀོག་སྟེ་སྦྲང་ནོར་བུའི་ཉེ་འགྲམ་དུ་གཡུགས། དེ་ནས་སྦྲང་ནོར་བུས་ཡལ་གའི་སྒང་ལ་འཛེགས་ནས། ཕུག་རོན་གྱིས་ཁོའི་སྲོག་བསྐྱབས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཉིན་ཤས་ཀྱི་རྗེས་སུ་སྔོན་གྱི་ཕུག་རོན་དེ་རང་ཤིང་སྡོང་ཞིག་གི་སྒང་ལ་བསྡད་ཡོད། རྔོན་པ་གཅིག་ཡོང་ནས་ཕུག་རོན་ལ་མེ་མདའ་གཞུ་གྲབས་བྱེད་པའི་སྐབས། སྦྲང་ནོར་བུས་ཕུག་རོན་ལ་ཉེན་ཁ་ཆེན་པོ་ཡོད་པ་མཐོང་བ་དང་། རྔོན་པའི་ལག་པར་སོ་བརྒྱབས་པ་རེད། ཁོས་ན་ཟུག་ཆེན་པོ་མ་བཟོད་པར་སྐད་ངན་ཤོར་བ་མ་ཟད་མེ་མདའ་ཡང་ས་ལ་ཟགས། ཕུག་རོན་གྱིས་སྐད་ཅོར་དེ་གོ་ནས་ཐག་རིང་ལ་འཕུར་བས་རྔོན་པས་བསད་ཐུབ་མེད། དེ་འདྲ་བྱས་ནས་སྦྲང་ནོར་བུས་དྲིན་ཆེན་ཕུག་རོན་གྱི་སྲོག་བསྐྱབས་ཏེ་དྲིན་ལན་འཇལ་བ་རེད།།

Site Map | Help | Contact