གླང་ཆེན་གྱིས་དགྲ་ཤ་ལེན་པ།

སྔོན་གྱི་དུས་སུ་གྲོང་གསེབ་ཅིག་གི་ནང་དུ་གླང་ཆེན་རཱ་མུ་ཟེར་བ་གཅིག་སྡོད་ཀྱི་ཡོད་ཅིང་། རཱ་མུ་གཙང་འགྲམ་ལ་ཕྱིན་ནས་གཟུགས་པོ་བཀྲུ་རྒྱུར་གོམས་གཤིས་འཇགས་ཡོད་སྟབས། ཁོས་ཉིན་ལྟར་འཚེམ་བཟོ་བ་ཞིག་གི་ཚོང་ཁང་བརྒྱུད་ནས་འགྲོ་གི་ཡོད། རཱ་མུ་གི་ཇ་ཁུག་རིང་པོ་དེ་རྟག་པར་ཚོང་ཁང་ནང་དུ་སྣར་རྐྱང་་བྱེད་པ་དང་། འཚེམ་བཟོ་བས་ཀྱང་རྒྱུན་དུ་བཟའ་ཡས་ཤིག་སྟེར་གྱི་ཡོད། དེ་ལྟར་བྱས་ནས་ཡུན་རིང་མ་འགོར་བར་ཁོ་གཉིས་གྲོགས་པོ་འཆམ་པོ་ཞིག་ཏུ་རྒྱུར། དེ་འདྲ་བྱས་ནས་ཉི་མས་ཟླ་བ་དང་ཟླ་བས་ལོ་བསྐྱལ་ན་ཡང་། ཉིན་གཅིག་སྟབས་མ་ལེགས་པར་འཚེམ་བཟོ་བ་དང་གྱོན་ཆས་ཉོ་མཁན་ཞིག་ཞོགས་པ་སྔ་པོ་ནས་ཁ་རྩོད་དྲག་པོ་ཤོར་བས། འཚེམ་བཟོ་བ་ཁོང་ཁྲོ་ཚད་མེད་ལངས་ནས་བསྡད་ཡོད།

སྐབས་དེར་རཱ་མུ་སྔར་བཞིན་ཡོང་ནས་ཚོང་ཁང་གི་ནང་སྣ་ཁུག་རིང་པོ་དེ་བརྐྱངས། འོན་གྱང་འཚེམ་བཟོ་བས་ཟས་སྟེར་རྒྱུ་ཕར་བཞག་སྟེ། གླང་ཆེན་གྱི་སྣ་ལ་ཁབ་བཙུགས་པ་རེད། རཱ་མུ་ཚ་ཐག་ཆོད་དེ་དགྲ་ཤ་ལེན་འདོད་ཆེན་པོ་བྱུང་། དེར་བརྡེན་ཁོས་གཙང་འགྲམ་དུ་ཕྱིན་ནས་འདམ་ཆུ་གླང་སྣ་རིང་པོ་གང་འཁྱེར་ཏེ། སླར་ཚོང་ཁང་དེར་ཡོང་ནས་འདམ་ཆུ་གཏོར་བ་དང་། གྱོན་ཆས་གསར་པ་ཆ་ཚང་འདམ་རྙོག་གིས་ཁེངས། འཚེམ་བཟོ་བས་བསླབ་བྱ་ཡག་པོ་འདིའི་ཆེད་དུ་འདྲོ་སོང་ཡང་ཆེན་པོ་གཏོང་དགོས་བྱུང་བ་རེད།།

Site Map | Help | Contact